གཙུག་ལག་སློབ་ཁང་གི་དུས་ཐུང་ནང་ཆོས་སློབ་སྦྱོང་གི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ།

༄༅།། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༦ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དུས་ཐུང་ནང་ཆོས་སློབ་སྦྱོང་གི་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་ཕེབས་གསལ། ཐོག་མར་དུས་ཚོད་ཆུད་ཟོས་སུ་མ་སོང་བ་དགོས་ཚུལ་དང་། དེ་ནས་ཀུན་སློང་བཟང་པོ་འཁྱེར་དགོས་ཚུལ། བྱ་བ་གང་ཡིན་ལག་ཏུ་བླངས་རྗེས་མཐར་སྐྱེལ་གྱི་ཆོད་སེམས་དགོས་ཚུལ། Sanchi-1སློབ་སྦྱོང་དེ་འཚོ་ཐབས་ཆེད་མིན་དགོས་ཚུལ། དེ་བཞིན་སློབ་སྦྱོང་བྱེད་སྐབས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་དགོས་ཚུལ་དང་། ཤེས་རྟོགས་དགོས་པ་ལས་ཆ་གཞག་པ་ཞིག་མིན་དགོས་ཚུལ། རིགས་པ་བཞིའི་སྒོ་ནས་བརྟག་དགོས་ཚུལ། རྟག་ཏུ་དྲི་བ་དང་མཉམ་དུ་གནས་དགོས་པ་ལས་གྲུབ་འབྲས་ལ་བྲེལ་བ་བྱེད་མི་རུང་བ་སོགས་གསུངས་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་ཡང་གནང་། སྐབས་དེར་མགོ་འཛུགས་སུ་རིགས་བདག་ཤ་ཤི་པྲབྷཱ་ཀུམཱར་མཆོག་གིས་ངོ་སྤྲོད་དང་། རིན་པོ་ཆེའི་གསུང་བཤད་གྲུབ་མཚམས་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་ནས་མཇུག་བསྡོམས་ཀྱི་གསུང་བཤད་གནང་ཞིང་། དེ་སྐབས་གཙུག་ལག་སློབ་ཁང་གི་རིགས་དྲུང་དང་ལས་བྱེད་སོགས་ཀྱང་མཉམ་ཞུགས་འདུག

Sanchi 8༢༠༡༥ ཕྱི་ཟླ་ ༡ ཚེས་ ༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སཱཾཅཱི་མཆོད་རྟེན་ལ་མཆོད་མཇལ་དུ་ཕེབས་ཏེ་ཞབས་སྐོར་དང་ཞལ་འདོན་གནང་ཡོད་པ་རེད།