ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཚུགས་ཕྱོགས་སྐོར་ལམ་སྟོན།

༢༠༡༥ ཕྱི་ཟླ་ ༣ ཚེས་ ༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཉིན་གསུམ་རིང་གི་བགྲོ་གླེང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་བགྲོ་གླེང་ཚུགས་ཕྱོགས་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་འདུགHow to Discucese 2དེ་ཡང་སྔ་དྲོ་ཚོགས་བཅར་བ་རྣམ་པ་དང་སྐུ་མགྲོན་རྣམ་པ་ཚོགས་ཁང་དུ་ཕེབས་འཛོམས་བཞུགས་གྲལ་དུ་འཁོད་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་གདན་ཞུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་ཞལ་དབྱེ་གནང་མཚམས། ད་བར་བོད་མིའི་རང་དབང་དོན་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མི་རྣམས་ཀྱི་རྗེས་དྲན་དུ་མྱ་ངན་གུས་བཏུད་སྐར་མ་གཅིག་རིང་གནང་། དེ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ལྕོག་གྲྭ་བཞི་ནས་བཀྲ་ཤིས་ཤིས་བརྗོད་གསུང་འདོན་གྲུབ་བསྟུན། ཆོས་རིག་དྲུང་ཆེ་དོན་གྲུབ་རྡོ་རྗེ་ལགས་ནས་ཕེབས་བསུ་དང་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས། How to Discucese 1སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། དེང་སང་མིང་འདོགས་ཕྱོགས་དང་བྱེད་ཕྱོགས་འདྲ་མིན་གྱིས་བགྲོ་གླེང་འདི་ལྟ་བུ་ནང་པ་ལ་གསར་པ་ཞིག་ཡིན་རུང་། གོ་བརྡ་ཞིག་འཕྲོད་ན་དེ་ཙམ་གྱི་དཀའ་ཚེགས་མེད་ཚུལ། བོད་པ་རང་ལ་ཡོད་པའི་དཔལ་ཡོན་དེ་ཚོ་ངོ་མ་སྤྲད་ན་ངོ་མི་ཤེས་པའི་གནས་སྟངས་ལ་བརྟེན། རྗེས་ལུས་ཐེབས་པ་མིན་འགྲོ་སྙམ་པའི་བསམ་ཚུལ་དེ་ཡོང་གི་ཡོད་ཚུལ། སངས་རྒྱས་ཀྱི་གསུང་རྣམས་རྒྱུན་སྤྱོད་ཀྱི་སྐད་ནང་གོ་བརྡ་སྤྲོད་སྟངས་ལ་ཁྱད་པར་ཕྲན་བུ་དགོས་ཚུལ། སངས་རྒྱས་ཀྱིས་གང་མཁྱེན་ཐམས་ཅད་གསུངས་པ་མིན་པར། གདུལ་བྱའི་བློ་དང་བསྟུན་ནས་གསུངས་པ་ཡིན་ཚུལ། རིགས་ལམ་ནས་དཔྱད་པ་བྱེད་རྒྱུ་དེ་ནང་པའི་ཐུན་མིན་གྱི་སློབ་སྦྱོང་བྱེད་སྟངས་ཡིན་ཚུལ། ལུང་ཙམ་ལ་སྐྱབས་བཅོལ་ན་བསམས་བྱུང་དང་བསྒོམས་བྱུང་གི་ཤེས་རབ་རྒྱས་མི་ཐུབ་པ། དེང་རབས་ཤེས་ཡོན་གྱི་སྐྱོན་གནད་ཆེ་ཤོས་ཆ་བཞག་ནས་འགྲོ་རྒྱུ་དེ་ཡིན་ཚུལ། མ་ཤེས་པ་ལ་ཆ་བཞག་ན་རྨོངས་དད་ཡིན་ཚུལ། ནང་པའི་ཚད་མ་རིགས་པའི་གཞུང་ལུགས་རྒྱ་ཆེན་པོ་དེ་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ལ་རང་གི་བློ་ཚོད་དང་བསྟུན་ནས་ཞིབ་འཇུག་དང་དྭོགས་གཅོད་དགོས་ཚུལ། མཁན་ཆེན་ཞི་འཚོ་བོད་དུ་ཕེབས་མེད་ཚེ་ད་ལྟའི་བོད་བརྒྱུད་ནང་བསྟན་རྒྱ་ཆེ་How to Discucese 4གཏིང་ཟབ་དེ་ལྟ་བུ་བྱུང་མིན་ཐེ་ཚོམ་ཡིན་ཚུལ། མཁན་ཆེན་རང་ཉིད་ཚད་མར་མཁས་པ་ཞིག་ཡིན་པར་བརྟེན། བོད་མི་རྣམས་ལ་ཚད་མི་རིགས་པ་ལ་གཞི་བཅོལ་ནས་སློབ་སྦྱོང་བྱེད་དགོས་ཚུལ་གསུངས་པ་མ་ཟད། རྒྱལ་བའི་བཀའ་བསྟན་རྣམས་རང་སྐད་དུ་བསྒྱུར་དགོས་གདམས་ཚུལ། སངས་རྒྱས་ཀྱི་ཆོས་རྣམས་བགྲོ་གླེང་གི་ངོ་བོར་གནང་བ་མང་བ་ཡིན་ཚུལ། ནང་པའི་གཞུང་ལུགས་སུ་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་བཅས་ཀྱི་ལམ་ནས་རགས་པ་ཙམ་མིན་པར་ངེས་པ་རྙེད་ཐུབ་པ་བྱེད་པ་དེ་ནི་བགྲོ་གླེང་གི་ཚད་མཐོ་ཤོས་ཡིན་ཚུལ། ནུབ་ཕྱོགས་པའི་ལུགས་ལ་བགྲོ་གླེང་ལ་གོ་དོན་ཁག་མི་འདྲ་བ་གཙོ་བོ་བདུན་ཙམ་ཡོད་ཚུལ། འདི་ལྟ་བུའི་བགྲོ་གླེང་ནང་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བར་འགྲོ་ཐུབ་དགོས་ཚུལ་སོགས་རྒྱས་པར་གསུངས།

How to Discucese 3དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གྲུབ་མཚམས། ཆོས་རིག་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ། བགྲོ་གླེང་ཚོགས་འདུ་འདིར་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཚོགས་བཅར་བ་ ༡༢༦ ཙམ་ཕེབས་ཡོད་འདུག