ནུབ་ཕྱོགས་སུ་མངོན་དུ་འགྱུར་བཞིན་པའི་ལེགས་བྱང་གི་དཀའ་རྙོག་སྐོར་གསུང་བཤད།

༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླྰིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལེགས་བྱང་སློབ་གཉེར་ཁང་ (International Centre for Cultural Studies) གི་གོ་སྒྲིག་འོག་ཅམནལཱལ་ཇཱི་རྗེས་དྲན་གསུང་བཤད་ཐེངས་བརྒྱད་པའི་ (8th Chamanlalji Memorial Lecture) གསུང་བཤད་གནང་མཁན་གཙོ་བོར་གདན་འདྲེན་ཞུས་པ་བཞིན། “World Guru 1ནུབ་ཕྱོགས་སུ་མངོན་དུ་འགྱུར་བཞིན་པའི་ལེགས་བྱང་གི་དཀའ་རྙོག་དང་འཇིག་རྟེན་གྱི་བླ་མའི་ཚུལ་དུ་རྒྱ་གར་གྱི་བྱེད་སྒོ་” (Emerging cultural crises in the west and India’s role as the world Guru) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

ཐོག་མར་ཧིནྡུའི་རབ་བྱུང་འགའ་ཞིག་གིས་ཤིས་བརྗོད་འདོན་བཞིན་པར། སྐུ་མགྲོན་རྣམ་པས་ཅམནལཱལ་ཇཱིའི་སྐུ་བརྙན་ལ་མེ་ཏོག་ཕུལ་མཚམས། ཚོགས་པའི་དྲུང་ཆེ་སློབ་དཔོན་ཨམརཇཱིབ་ (Prof. Amarjeev) ནས་ཚོགས་པའི་ངོ་སྤྲོད་རྗེས་སྐུ་མགྲོན་རྣམ་པར་མེ་ཏོག་ཆུན་པོ་ཕུལ་ཏེ་དགའ་བསུ་ཞུས། དེ་ནས་རང་དབང་ཅན་གྱི་གསར་འགོད་པ་བིཇཡ་ཀྲནྟི་ (Vijay Kranti) ནས་གསུང་བཤད་གནང་མཁན་གཙོ་བོ་དང་། སྐུ་
World Guru 3མགྲོན་གཙོ་བོ། ཚོགས་གཙོ་བཅས་ཀྱི་ངོ་སྤྲོད། དེ་རྗེས་གསུང་བཤད་གནང་མཁན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས། ཁྱེད་ཚོས་སྐུ་ཞབས་ཅམན་ལཱལ་ལ་གུས་བཏུད་ཆེད་ཁོ་བོ་མགྲོན་འབོད་གནང་བར་བཀྲིན་ཆེ་ཚུལ་དང་། ཅམན་ལཱལ་གྱི་བློས་བཏང་གི་མི་ཚེ་སྐྱེལ་སྟངས་དེ་སྐྱེས་བུའི་དོན་མཆོག་ཡིན་ཚུལ། རྒྱ་གར་བས་འཇིག་རྟེན་གྱི་བླ་མའི་རང་གི་འགན་ཁུར་དེ་སྒྲུབ་ཀྱི་མེད་ཚུལ། ནུབ་ཕྱོགས་སུ་སྤྱི་ཚོགས་དཔལ་ཡོན(Civilization) གྱི་འཐབ་རྩོད་དེ་ནད་རྟགས་ (Symptom) ཙམ་ཡིན་ཚུལ། འཇིག་རྟེན་ནང་མི་འབོར་འཕེལ་རྒྱས་ཚད་ལས་བརྒལ་བ་དང་། འཚེ་བ། དབུལ་ཕྱུག་དབར་རྒྱང་ཕད། ཁོར་ཡུག་ཉམས་ཆག ཆོས་ལུགས་སམ་ལེགས་བྱང་གི་འཐབ་རྩོད་བཅས་ཀླན་ཀ་ཆེན་པོ་ (Major challenges) ལྔ་ཡོད་ཚུལ། འདི་ལྔ་པོ་རེ་རེར་འཇིག་རྟེན་ཡོངས་རྫོགས་འཇིག་པའི་ནུས་པ་ཡོད་ཚུལ། མིའི་དགོས་མཁོ་ལས་ལྷག་པའི་ཐོན་སྐྱེད་དེ་དག་ཚོང་རྒྱུག་ཆེད་མིའི་འདོད་རྔམས་སྤེལ་ཚུལ། དེ་ནས་མཚུངས་བསྡུར་དང་འགྲན་བསྡུར་ཐོག་ནས་སོ་སོའི་ངོས་འཛིན་མེད་པ་བཟོ་ཚུལ། དེ་ནས་བེད་སྤྱོད་མིན་པར་བག་མེད་ལོངས་སྤྱོད་ནང་ལྷུང་ཚུལ། World Guru 4དེ་དག་དེང་རབས་སྤྱི་ཚོགས་དཔལ་ཡོན་ལ་བརྟེན་ནས་བྱུང་ཚུལ། དེ་ལ་བརྟེན་ནས་ཆ་སྙོམ་དགོས་པ་མང་པོ་ཞིག་རྩ་གཏོར་བཏང་ཚུལ། དཔེར་ན། རང་དང་གཞན། ལུས་དང་སེམས། སྒེར་དང་སྤྱི་ཚོགས། ཐོབ་ཐང་དང་ལས་འགན། མཐུན་འགྱུར་དང་འགྲན་བསྡུར། ཕྱི་དངོས་པོ་དང་ནང་སེམས་སོགས། རྒྱ་གར་སྲོལ་རྒྱུན་གྱིས་ནོར་དང་འདོད་པ། ཆོས་དང་ཐར་པ་བཅས་སྐྱེས་བུའི་དོན་བཞིའི་སྐོར་བཤད་པ་མ་ཟད། ཆོས་ཀྱི་ཐོག་ནས་ནོར་དང་
འདོད་པ་དབང་བསྒྱུར་ཚུལ། དེང་སྐབས་རྒྱུ་ནོར་ཁོ་ན་སྐྱེས་བུའི་དོན་དུ་བཟུང་ཚུལ། དེས་ན་བཟང་སྤྱོད་གཞིར་གྱུར་པའི་སྤྱི་ཚོགས་བསྐྲུན་པར་དོན་གནད་འགའ་ཞིག་ཡོད་དེ། རྒྱ་གར་ནང་ཆོས་ལུགས་མཐུན་འབྲེལ་ཐོག་གནས་པ་དེ་འཇིག་རྟེན་མདུན་བསྟན་དགོས་པ་དང་། དྲང་བདེན་དང་ཕྱི་གསལ་ནང་གསལ་ཡོང་ཐབས་སུ་དཔེར་ན་ནང་པ་ཞིག་ཡིན་ན་དེའི་ཚུལ་ཁྲིམས་རྣམས་བསྲུང་དགོས་པ། ཆོས་ལུགས་ཕན་ཚུན་དབར་བགྲོ་གླེང་ཡང་ཡང་དགོས་པ། སྐྱེས་བུའི་དོན་བཞིའི་གནས་སྟངས་དེ་བསྐྲུན་དགོས་པ། སོ་སོའི་ཆོས་དཔེ་རྣམས་ཚུལ་བཞིན་ཤེས་དགོས་པ། ཆོས་ལུགས་ལས་འདས་པའི་བཟང་སྤྱོད་གོང་འཕེལ་གཏོང་དགོས་པ་བཅས། དེ་ཚོ་བློ་ལྡན་རྒྱ་གར་བས་གནང་ཐུབ་ཚུལ། World Guru 2ནུས་པ་ཡོད་མུས་ལ་གསོས་བཏབ་རྒྱུ་ཙམ་ཡིན་ཚུལ་སོགས་རྒྱས་པར་གསུངས་མཚམས། སྐུ་མགྲོན་གཙོ་བོ་སློབ་དཔོན་ལོཀེཤ་ཅནྡྲ་ (Prof. Lokesh Chandra) ནས་གསོག་འཇོག་མིན་པར་བློས་བཏང་དགོས་ཚུལ། ཐོབ་ཐང་ལས་ལས་འགན་ལ་གཙིགས་སུ་འཛིན་དགོས་ཚུལ་སོགས། ཚོགས་འདུའི་ཚོགས་གཙོ་སློབ་དཔོན་ཀཔིལ་ཀུམཱར་ནས་གསུང་བཤད་གནང་མཁན་གཙོ་བོ་དང་སྐུ་མགྲོན་གཙོ་བོའི་གསུང་བཤད་རྣམས་སྙིང་བསྡུས་དང་དེ་ནས་དེའི་ཐོག་འགྲེལ་བརྗོད་རྒྱས་ཙམ་གནང་། མཐར་སློབ་དཔོན་ཨམརཇཱིབ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།

སྐབས་དེར་གཙུག་ལག་སློབ་ཁང་གི་རིགས་བདག་དང་སློབ་དཔོན་རྣམ་པ། གཞུང་ཞབས་པ། རྩོམ་པ་པོ། གསར་འགོད་པ་སོགས་མང་པོ་མཉམ་ཞུགས་གནང་འདུག