ལ་དྭགས་ནང་པའི་བརྒྱུད་ཤུལ་གྱི་རྒྱལ་སྤྱིའི་དུས་སྟོན་ཐེངས་གསུམ་པ།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༤ ནས་ ༢༦ བར་ཚོགས་པའི་ “ལ་དྭགས་ནང་པའི་བརྒྱུད་ཤུལ་གྱི་རྒྱལ་སྤྱིའི་དུས་སྟོན་ཐེངས་གསུམ་པར་”ཞུགས་པ་མ་ཟད། དཔེ་དེབ་དབུ་འབྱེད་དང་གསུང་བཤད་བཅས་གནང་ཡོད།

ladkh (1)དེ་ཡང་ཚེས་ ༢༤ རེས་གཟའ་ཉི་མའི་ཉིན་ལ་དྭགས་མཚན་ཉིད་སློབ་གྲྭའི་ཀླུ་སྒྲུབ་ཚོགས་ཁང་དུ་ལ་དྭགས་བྱང་ཆུབ་ཆེན་པོའི་རྒྱལ་སྤྱིའི་སྒོམ་ཁང་གིས་གཙོས་རྒྱ་གར་རྒྱལ་ཡོངས་ནང་པའི་མཐོ་རིམ་ཆོས་ཚོགས་ཁག་དང་། དེ་བཞིན་ཐའེ་ལན་ཌི། ཤྲཱི་ལངྐཱ་སོགས་ཀྱི་ཆོས་ཚོགས་ཆེན་པོ་བདུན་གྱིས་མཉམ་སྦྲེལ་ཐོག་གོ་སྒྲིག་གནང་བའི་དུས་སྟོན་གྱི་དབུ་འབྱེད་མཛད་སྒོར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ladkh (3)ཚོགས་མགོན་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་གིས་གཙོས་རིས་མེད་བླ་སྤྲུལ་དགེ་བཤེས་དང་། གཞན་ཡང་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། དབུས་གྲོས་ཚོགས་ཀྱི་འཐུས་མི། རྫོང་གི་འཛིན་སྐྱོང་མི་སྣ། མཁས་དབང་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཆེད་ཕེབས་གནང་ཡོད། དེ་སྐབས་རིན་པོ་ཆེས་གསུང་བཤད་མདོར་བསྡུས་ཤིག་ཀྱང་གནང་འདུག

ladkh (2)ཉིན་གཉིས་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཧེ་མི་དགོན་པར་ཕེབས་འབྱོར་སྐབས་འབྲུག་པ་ཐུགས་སྲས་རིན་པོ་ཆེས་ཕེབས་བསུས་ཀྱིས་སྔགས་འཆམ་གཟིགས་འབུལ་དང་། དེར་གསུང་བཤད་ཀྱང་གནང་བ། འགྲེམས་སྟོན་ཁང་གཟིགས་སྐོར་དུའང་གདན་འདྲེན་ཞུས་འདུག

ཉིན་གསུམ་པར་”ལ་དྭགས་ཀྱི་ནང་པའི་གདོད་མའི་བརྒྱུད་ཤུལ་སྲུང་སྐྱོབ་” ཀྱི་བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་དང་། གསུང་བཤད་ཡིད་འཕྲོག་པ་ཞིག་ཀྱང་གནང་འདུག

ཉིན་གསུམ་པའི་ཉིན་རྒྱབ་ཏུ་མཇུག་བསྡོམས་ཚོགས་འདུའི་ཚོགས་མགོན་དུ་གདན་ཞུས་ཀྱིས་གསུང་བཤད་ཟབ་རྒྱས་གནང་ཡོད་འདུག དེ་སྐབས་གནད་ཡོད་མི་སྣ་མང་པོའང་ཆེད་ཕེབས་གནང་ཡོད།