སེར་བྱེས་འབྲིང་རིམ་སློབ་གྲྭར་མཛད་འཕྲིན་བསྐྱངས་པ།

 ཇི་ལྟར་སེར་བྱེས་འབྲིང་རིམ་སློབ་གྲྭས་གསོལ་བ་བཏབ་པ་བཞིན་ ༢༠༡༥ ཕྱི་ཟླ་ ༡༢ ཚེས་ ༤ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་ཚོམས་ཆེན་ཡང་ཐོག་ཏུ་དཔལ་ཛེ་ཏ་རི་ལས་བརྒྱུད་པའི་མ་ཏིའི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་རྗེས་གནང་དང་།  Sera Jee School 1འཇམ་དཔལ་མཚན་བརྗོད་དང་གང་བློ་མའི་ལྗགས་ལུང་བཅས་སྩལ།  སྐབས་དེར་ཆོས་ཞུ་བ་ཉིས་སྟོང་ལྔ་བརྒྱ་བརྒལ་བ་བཅར་ཡོད་ཚོད་འདུག

 
Sera Jee School 2
༢༠༡༥ ཕྱི་ཟླ་ ༡༢ ཚེས་ ༥ ཉིན་སྔ་དྲོ་སེར་བྱེས་ལྭ་བ་ཁམས་ཚན་ནས་གསོལ་འདེབས་ཞུས་པ་བཞིན་ཁམས་ཚན་གྱི་འདུ་ཁང་གསར་པ་བཞེངས་རྒྱུའི་ས་གཞི་བྱིན་རླབས་མཛད་པ་མ་ཟད།  ཤིང་སྣ་འདེབས་འཛུགས་ཀྱང་གནང་།Lawa Khamtsen 1

Sera Jee School 3 ༢༠༡༥ ཕྱི་ཟླ་ ༡༢ ཚེས་ ༥ དང་ ༦ ཉིན་གཉིས་རིང་སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་དེབ་བསྐྱར་ཞིབ་ཚོགས་འདུའི་ཚོགས་མགོན་དུ་ཕེབས་ཏེ།  ཁྱོན་ཡོངས་ཀྱི་རྒྱབ་ལྗོངས་དང་ལམ་སྟོན་བཅས་གནད་སྨིན་གནང་བ་མ་ཟད།  ཚོགས་འདུའི་ནང་གི་དགོངས་འཆར་སོགས་ལ་གཟིགས་ཏེ་སླར་ཡང་གལ་ཆེའི་ལམ་སྟོན་དང་གསལ་བཤད་བཅས་གནང་འདུག

Sera Jee School 4༢༠༡༥ ཕྱི་ཟླ་ ༡༢ ཚེས་ ༧ ཉིན་སྔ་དྲོ་སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་གོ་སྒྲིག་ཞུས་པའི་འབྱུང་བ་ཆུའི་སྐོར་གྱི་ཚན་རིག་དཔེ་གཟུགས་འགྲེམས་སྟོན་ལ་ཞིབ་གཟིགས་གནང་བ་བཅས།