སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་གསུང་ཆོས་གནང་བ།

ཇི་ལྟར་སེར་བྱེས་ལྭ་བ་ཁམས་ཚན་གྱི་སྐུ་ཞབས་བློ་བཟང་མཁས་གྲུབ་དང་རྒྱལ་མཚན་ཕན་བདེ་རྣམ་གཉིས་ནས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་སེར་བྱེས་སློབ་གྲྭར་ཕེབས་འབྱོར་སྐབས་སེར་བྱེས་ལྭ་བ་ཁམས་ཚན་གྱི་ལས་སྣེ་དང་སེར་བྱེས་སློབ་གྲྭའི་ལས་སྣེ་རྣམ་པས་ཕེབས་བསུ་ཞུས།

Samdhong Rinpoche In Sera 1༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཁྲིད་སྔ་ལོ་སེར་བྱེས་ལྭ་བ་ཁམས་ཚན་དུ་གནང་བའི་འཕྲོས་དེ་ནས་མུ་མཐུད་དེ། ཐོག་མར་སྔོན་འགྲོའི་གསུང་ཆོས་སུ་དལ་འབྱོར་རྙེད་དཀའ་ནས་བརྩམས་ཏེ་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་བསྩལ་རྗེས། ལེའུ་གཉིས་པ་མངོན་མཐོ་དང་ངེས་ལེགས་རྒྱུ་འབྲས་སྤེལ་མར་བསྟན་པའི་ཚིགས་བཅད་དང་པོ་ནས་དབུ་འཛུགས་གནང་སྟེ། ༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༨ ཉིན་བར་བཀའ་ཁྲིད་རྫོགས་པར་བསྐྱངས་རྗེས། དབུ་མ་རིན་ཆེན་ཕྲེང་བ་དང་འབྲེལ་བའི་སྐོར་ཡང་མདོ་ཙམ་གསུངས།

Samdhong Rinpoche In Sera 2༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་སྔ་དྲོ་གསུང་ཆོས་གོ་སྒྲིག་པ་རྣམ་གཉིས་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་ཞུས་པ་གྲུབ་འཕྲལ། ཇི་ལྟར་སེར་བྱེས་སློབ་གྲྭའི་ལས་སྣེ་རྣམ་པས་གསོལ་འདེབས་ཞུས་དོན་ལྟར། སློབ་ཕྲུག་རྣམས་ཀྱིས་གཙོས་ཉན་པ་པོ་རྣམས་ལ་སློབ་སྦྱོང་གི་དགོས་དམིགས་ཐོག་གསུང་བཤད་མདོར་བསྡུས་བསྩལ།

ད་རེས་གསུང་ཆོས་སུ་གདན་ས་གསུམ་དང་། རྒྱུད་གྲྭ་སྟོད་སྨད་སོགས་དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཕོན་ཆེ་ཙམ་འདུ་འཛོམས་བྱུང་འདུག

༢༠༡༦ ཕྱི་ཟླ་ ༣ ཚེས་ ༣༠ ཉིན་སྔ་དྲོ་སེར་བྱེས་སློབ་གྲྭ་ནས་ཆིབས་ཞལ་བསྒྱུར།