སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཧུན་སུར་རབ་རྒྱས་གླིང་དུ་གསུང་ཆོས་གནང་བ།

༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མོན་གོར་འདོད་རྒུ་གླིང་ནས་ཧུན་སུར་རབ་རྒྱས་གླིང་དུ་ཆགས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭར་ཕེབས་འབྱོར་བྱུང་།

Rinpoche At Hongsor 1  ༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༢ ནས་ ༢༦ སྔ་དྲོ་བར་ཉིན་ལྟར་ཐོག་མར་ཀུན་སློང་ཀུན་བཅོས་ཀྱི་རིམ་པ་དང་།  རང་གི་རྒྱུད་ཐོག་ཇི་ལྟར་འགེལ་ཚུལ་རྣམས་གསུངས་ཏེ།  རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་རྒྱས་པར་བསྐྱངས་པ་མ་ཟད།  མཇུག་ཏུ་བླང་དོར་གསུང་བཤད་ཀྱང་ཕེབས་སོང་།

Rinpoche At Hongsor 2༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཕྱི་དྲོ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པར་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོའི་དམ་གཟིགས་སུ་ཕེབས་པ་མ་ཟད།  དེར་འདུས་རྒྱུད་གྲྭ་སྟོད་སྨད་དང་།  སྲད་རྒྱུད།  རྣམ་རྒྱལ་གྲྭ་ཚང་བཅས་ནས་ཕེབས་པའི་དགེ་བཤེས་སོགས་ལ་བླང་དོར་གསུང་བཤད་སྩལ་ཅིང་།  སྐབས་དེར་རྒྱུད་སྨད་མཁན་རིན་པོ་ཆེས་གཙོས་ལས་སྣེ་རྣམས་ཀྱང་ཕེབས་ཡོད།

Rinpoche At Hongsor 3  ༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་སྔ་དྲོ་གསུང་ཆོས་གྲུབ་སྟེ།  ཉིན་རྒྱབ་སྦེང་ལོར་ཕྱོགས་སུ་ཆིབས་ཞལ་བསྒྱུར།

ད་རེས་གསུང་ཆོས་སུ་རྒྱུད་སྨད་མཁན་རིན་པོ་ཆེ་དང་།  རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ།  རྫོང་དཀར་ཆོས་སྡེའི་མཁན་པོ་སོགས་རྟག་བཅར་གནང་བ་མ་ཟད།  ཁྱོན་ཆོས་ཞུ་བ་བརྒྱད་བརྒྱ་ཙམ་ཕེབས་ཡོད་ཚོད་འདུགRinpoche At Hongsor 4