ཨ་རི་དང་དབྱིན་ཡུལ་དོན་ཁང་ཆེད་ལས་བྱེད་ཡིག་རྒྱུགས་དང་འབྲེལ་བའི་ཐོག་གསལ་བཤད།

རྒྱུགས་སྤྲོད་བཏང་བ་དང་རྒྱུགས་སྤྲོད་ནང་ལ་སློབ་ཚན་རེ་རེར་ཨང་གྲངས་ཇི་ཙམ་ཐོབ་པ་གསལ་བསྒྲགས་བྱས་པ་དེ་དངོས་ཡོད་གནས་ཚུལ་རེད། ཡིན་ཡང་རྒྱུགས་སྤྲོད་བཏང་བ་དེའི་ཐོག་ནས་ད་ལྟ་ཕྱི་ལོགས་ལ་ཡོད་པའི་ས་མིག་གཉིས་པོ་དེ་ལ་དོན་གཅོད་སོ་སོའི་དགོས་མཁོ་ཡོད་པ་ནང་བཞིན་དགོས་མཁོ་ཚང་བའི་མི་འགྲོ་ཞིག་མ་རག་པ་སོང་ཙང༌། བཀོད་སྒྲིག་མ་བྱས་པ་མ་རེད། བཀོད་སྒྲིག་མ་ཐུབ་པ་རེད། བཀོད་སྒྲིག་མ་ཐུབ་པ་དེ་སྐབས་དེ་དུས་ནས་གསལ་པོ་རེད་མ་གཏོགས་འགག་བསྡད་པ་མ་རེད་ཞུ་རྒྱུ་ཡིན། བཀོད་སྒྲིག་མ་བྱས་པའི་མཚམས་དེར་བཀའ་ཤག་ནས་དོན་གཅོད་གཉིས་ཀར་ལམ་སྟོན་གང་གནང་བ་རེད་ཅེ་ན། ཁྱེད་རང་ཚོས་དགོས་མཁོ་ཚང་ངེས་ཀྱི་ཡི་གེ་གཅིག་ས་གནས་རང་ལ་གསལ་བསྒྲགས་ཐོག་འདེམས་སྒྲུག་ཚོགས་ཆུང་བཙུགས་ནས་མིང་ཐོ་ཚུར་ཐོངས་དང༌། ལོ་གཉིས་ཆོད་གན་གྱི་ཐོག་ལ་བཞག་གི་ཡིན། དེ་ལྟར་བྱས་ཚེ་ཕྱོགས་གཅིག་ནས་ལས་བྱེད་མ་འདང་བའི་དཀའ་ངལ་སེལ་བ་དང༌། ཕྱོགས་གཞན་ནས་དོན་ཁང་སོ་སོར་དགོས་མཁོ་ཡོད་པའི་མི་དེ་རག་ཐུབ་པ་ཡོང་གི་རེད་ཅེས་ལམ་སྟོན་བྱས་པ་རེད།
བཀའ་མོལ་གཞན་ཞིག་གསུངས་སོང༌། དེ་མགོ་འཚོད་མ་སོང༌། སྒེར་དགོངས་ཞུས་ནས་ཕྱིན་པ་རེད། ཕྱག་ལས་དེ་གར་གནང་གི་ཡོད་རེད་ལྟ་བུ་ཞིག་གསུངས་སོང༌། སྒེར་དགོངས་ཞུས་ནས་དོན་གཅོད་ལ་ཕྱག་ལས་གནང་གི་ཡོད་པ་ང་ཚོས་ཤེས་རྟོགས་མེད་ཞུ་རྒྱུ་ཡིན། སྒྲིག་འཛུགས་གཞན་པའི་ནང་ལ་ཕྱག་ལས་གནང་གི་ཡོད་སྲིད་པ་རེད། ཕོགས་མེད་གུང་སེང་ལོ་གཉིས་ཞུ་བ་སྒྲིག་གཞིའི་ནང་ལ་ནང་མི་དཀའ་ངལ་སེལ་ཆེད་ཅེས་པ་ཞིག་བཀོད་ཡོད་རེད། སོང་ཙང་ཕོགས་མེད་གུང་སེང་ལོ་གཉིས་རིང་ལ་ལས་ཀ་བྱེད་ཆོག་གི་མ་རེད་ཟེར་བ་ཞིག་ཡོད་མ་རེད། ཡིན་ནའང་དོན་གཅོད་ནང་ལ་ཕོགས་མེད་གུང་གསེང་ཞུ་བ་གཅིག་ཕྱག་ལས་གནང་གི་ཡོད་མ་རེད་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥